Department of Labour-This is to notify and inform the general public that the SHORT-TERM WORK PERMIT (E-Work Permit) is now being initiated by the Ministry of Labour and Human Resources. The employers wishing to import foreign workers even for the duration less than 30 days should now compulsorily apply online through MoLHR-MIS with immediate effect. Besides the normal required documents, the individual/FWRA/employers should submit the medical clearance certificate of the foreigners obtained from the country of origin.This notification is referred to the approval of the night halt work permits only and for other categories and updates, MoLHR will keep notifying in future.

ལཱ་འགན་གནས་ཚད་ལས་ཁུངས།

ལཱ་འགན་གནས་ཚད་ལས་ཁུངས།

རྒྱབ་ཁུངས།

ལས་ཁུངས་འདི་ སྤྱི་ལོ་༢༠༠༣ སྤྱི་ཟླ་༦ པའི་ནང་ འབྲུག་བཟོ་རིག་ཤེས་ཚད་དབང་འཛིན་འབད་  ལས་གཡོག་ལྷན་ཁག་གཞི་བཙུགས་དང་དུས་མཉམ་དུ་ གཞི་བཙུགས་འབད་འབདཝ་ཅིག་ཨིན་མས། དེའི་ཤུལ་ལས་ སྤྱི་ལོ་༢༠༠༦ སྤྱི་ཟླ་༡ པ་ལུ་ ལས་ཁུངས་ཀྱི་མིང་གསརཔ་ ལཱ་འགན་གནས་ཚད་ལས་ཁུངས་ཟེར་བཏགས་གནང་ནུག།

ལས་ཁུངས་ཀྱི་དམིགས་གཏད་འདི་ རྒྱལ་ཁབ་ནང་ སྤུས་ཚད་ཆེ་བའི་ལག་རྩལ་ཅན་གྱི་མི་སྟོབས་བཟོ་སྟེ་ དཔལ་འབྱོར་ཡུན་བརྟན་སྦེ་གོང་འཕེལ་གཏང་ཐབས་ལུ་ རྒྱལ་ཡོངས་ལྕོགས་གྲུབ་གནས་ཚད་བཟོ་ནི་དང་ བཟོ་རིག་ཤེས་ཡོན་དང་སྦྱོང་བརྡར་གྱི་སྤུས་ཚད་བསྟར་སྤྱོད་འབད་ནི་ཚུ་ཨིན།

ལས་ཁུངས་ཀྱི་འགན་འཁུར་གཙོ་བོ་རང་

  • བཟོ་རིག་ཤེས་ཡོན་དང་སྦྱོང་བརྡར་གྱི་རིམ་ལུགས་གཅིག་མཚུངས་སྦེ་བྱིན་ཐབས་ལུ་ འབྲུག་བཟོ་རིག་ཤེས་ཚད་ལམ་ལུགས་བཟོ་ནི།
  • དཔལ་འབྱོར་གྱི་དགོས་མཁོ་དང་འཁྲིལ་ཏེ་ རྒྱལ་ཡོངས་ལྕོགས་གྲུབ་གནས་ཚད་དང་ ཤེས་ཚད་བཟོ་སྟེ་ རྒྱལ་ཡོངས་ཀྱི་ལམ་ལུགས་ཅིག་གཞི་བཙུགས་འབད་ནི།
  • རྒྱལ་ཡོངས་ཀྱི་ཤེས་ཚད་སྤྲོད་ནིའི་དོན་ལུ་ རྒྱལ་ཡོངས་དབྱེ་ཞིབ་དང་ལག་ཁྱེར་གྱི་ལམ་ལུགས་བཟོ་སྟེ་ལག་ལེན་འཐབ་ནི།
  • གཞུང་སྒེར་གཉིས་ཆ་རའི་དབང་བའི་ སྦྱོང་བརྡར་སྤེལ་ཁང་ཚུ་ཐོ་བཀོད་འབད་ནི་དང་ ཆོས་ཚན་ཆ་འཇོག་འབད་ནིའི་ལམ་ལུགས་ཚུ་བཟོ་སྟེ་ལག་ལེན་འཐབ་ནི།
  • སློབ་གྲྭ་དང་མཐོ་རིམ་ཤེས་ཡོན་གཅིག་ཁར་ འབྲུག་བཟོ་རིག་ཤེས་ཚད་ལམ་ལུགས་འབྲེལ་མཐུན་བཟོ་ནིའི་དོན་ལུ་ དགོས་མཁོའི་སྲིད་བྱུས་དང་ཐབས་བྱུས་བརྩམ་ནི།

ལས་ཁུངས་ཀྱི་ཁ་ཐོག་ལས་ གཤམ་འཁོད་དམིགས་ཡུལ་སྒྲུབ་ཐབས་ལུ་བརྩོན་ནི –

  • རྒྱལ་ཁབ་ཀྱི་མི་སྟོབས་གོང་འཕེལ་དགོས་མཁོ་དང་འཁྲིལ་ཏེ་ རྒྱལ་ཡོངས་ལྕོགས་གྲུབ་གནས་ཚད་དང་ཤེས་ཚད་བཟོ་ནི།
  • འབྲུག་བཟོ་རིག་ཤེས་ཚད་ལམ་ལུགས་དང་འཁྲིལ་ཏེ་ རྒྱལ་ཡོངས་ཀྱི་ངོས་འཛིན་ཅན་གྱི་ལག་ཁྱེར་བྱིན་ནིའི་ལམ་ལུགས་བཟོ་ནི།
  • སྦྱོང་བརྡར་གྱི་སྤུས་ཚད་འཛིན་ཐབས་ལུ་ འོས་འབབ་ལྡན་པའི་སྤུས་ཚད་ཁས་ལེན་གྱི་ལམ་ལུགས་བཟོ་སྟེ་ལག་ལེན་འཐབ་ནི།

གཤམ་འཁོད་སྡེ་ཚན་གསུམ་གྱིས་ ལས་ཁུངས་ཀྱི་ལས་སྣ་ཚུ་སྒྲུབ་ནི།

ཀ༽ གནས་ཚད་དང་ཤེས་ཚད་སྡེ་ཚན། 

  • དཔལ་འབྱོར་གྱི་གནས་སྟངས་དང་ སྦྱོང་བརྡར་སྤེལ་ཁང་ཚུ་གི་མཁོ་འདོད་དང་འཁྲིལ་ཏེ་ སྤུས་ཚད་ཅན་གྱི་རྒྱལ་ཡོངས་ལྕོགས་གྲུབ་གནས་ཚད་དང་ ཤེས་ཚད་བཟོ་ནི།
  • གཙོ་རིམ་ཅན་གྱི་དཔལ་འབྱོར་གྱི་ལས་སྡེ་ཚུ་ནང་ བཟོ་རིག་ལམ་སྟོན་ཚོགས་ཆུང་འཚོགས་ནིའི་དོན་ལུ་ འཆར་གཞི་བཟོ་ནི་ གཞི་བཙུགས་འབད་ནི་དང་ འགོ་འདྲེན་འཐབ་ནི།
  • རྒྱལ་ཡོངས་ལྕོགས་གྲུབ་གནས་ཚད་དང་ ཤེས་ཚད་བཟོ་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་དང་ བཟོ་གྲྭ་འཕྲུལ་ཁང་ཚུ་དང་གཅིག་ཁར་མཐུན་འབྲེལ་བཟོ་ནི།
  • ལས་སྡེ་ཚུ་ལུ་ ལྕོགས་གྲུབ་གནས་ཚད་དང་ ཤེས་ཚད་སྐོར་ལས་ གོ་བརྡ་དང་ཤེས་ཡོན་སྤེལ་ནི།

ཁ༽ དབྱེ་ཞིབ་དང་ལག་ཁྱེར་སྡེ་ཚན། 

  • སྦྱོང་བརྡར་སྤེལ་ཁང་དང་ སྔོན་སྦྱང་ཤེས་ཡོན་ངོས་འཛིན་ལག་ཁྱེར་གྱི་དོན་ལུ་ རྒྱལ་ཡོངས་དབྱེ་ཞིབ་དང་ལག་ཁྱེར་གྱི་ལམ་ལུགས་བཟོ་སྟེ་ལག་ལེན་འཐབ་ནི།
  • རྒྱལ་ཡོངས་ལྕོགས་གྲུབ་གནས་ཚད་དང་འཁྲིལ་ཏེ་ ལཱ་འགན་རེ་རེ་བཞིན་དུ་གི་ སྤུས་ཚད་ཅན་གྱི་དབྱེ་ཞིབ་ཀྱི་དྲི་ཤོག་བཟོ་ནི།
  • དབྱེ་ཞིབ་པ་ཚུ་གི་དོན་ལུ་ སྦྱོང་བརྡར་གྱི་ལས་རིམ་ཚུ་བཟོ་ནི།
  • སྦྱོང་བརྡར་སྤེལ་ཁང་ཚུ་དང་གཅིག་ཁར་མཉམ་རུབ་ཀྱི་ཐོག་ལས་ དབྱེ་ཞིབ་ཀྱི་ས་ཁོངས་ལྟེ་བ་གཞི་བཙུགས་འབད་ནི།
  • རྒྱལ་ཡོངས་ཀྱི་ལག་ཁྱེར་སྤྲོད་ནི།
  • ལས་སྡེ་ཚུ་ལུ་ རྒྱལ་ཡོངས་དབྱེ་ཞིབ་དང་ལག་ཁྱེར་གྱི་སྐོར་ལས་ གོ་བརྡ་དང་ཤེས་ཡོན་སྤེལ་ནི།

ག༽ སྤུས་ཚད་ཁས་ལེན་སྡེ་ཚན། 

  • འབྲུག་བཟོ་རིག་ཤེས་ཚད་ལམ་ལུགས་སྤུས་ཚད་ཅན་བཟོ་ཐབས་ལུ་ འཆར་གཞི་བརྩམ་ཏེ་ལག་ལེན་འཐབ་ནི།
  • སྦྱོང་བརྡར་སྤེལ་ཁང་ཐོ་བཀོད་ཀྱི་སྒྲིག་གཞི་༢༠༡༤ ཅན་མ་བསྟར་སྤྱོད་འབད་ནི།
  • བཟོ་རིག་ཤེས་ཡོན་དང་སྦྱོང་བརྡར་དང་འབྲེལ་བའི་ཆོས་ཚན་ཚུ་ ཆ་འཇོག་འབད་ནིའི་ལམ་ལུགས་བཟོ་སྟེ་ལག་ལེན་འཐབ་ནི།
  • སྦྱོང་བརྡར་སྤེལ་ཁང་ཚུ་ལས་ལྷོད་པའི་ ཆོས་ཚན་ཚུ་བརྟག་ཞིབ་འབད་དེ་ གནང་བ་གྲོལ་ནི།
  • དབྱེ་ཞིབ་ལག་ཁྱེར་སྡེ་ཚན་དང་མཉམ་འབྲེལ་གྱི་ཐོག་ལས་ དབྱེ་ཞིབ་ཀྱི་ས་ཁོངས་ལྟེ་བ་ཚུ་ཆ་འཇོག་འབད་ནི།
  • སྤུས་ཚད་འཛིན་སྐྱོང་ལམ་ལུགས་ལག་ལེན་འཐབ་ནི།

ལྷན་ཁག་གི་ས་གནས།

ལས་ལྷན་གྱི་ལས་བྱེདཔ་ཚུ་གི་དོན་ལུ།

འབྲེལ་བ་འཐབ་ས།

ལས་གཡོག་ལྷན་ཁག།
འགྲེམས་སྒྲོམ་ཨང་ ༡༠༣༦ མཐོང་གསལ་ལམ།
མུ་ཏིག་ཐང་ འོག།
ཐིམ་ཕུ། འབྲུག།
སྤྱིར་བཏང་འབྲེལ་བ་འཐབ་སཿ༠༢༣༣༣༨༦༧
ཕྱི་རྒྱལ་ལཱ་གཡོག་ལས་ཚནཿ༠༢-༣༣༠༧༨༧/༣༣༠༧༨༨
ལཱ་གཡོག་ཞབས་ཏོག་ལྟེ་བཿ ༠༢-༣༣༤༤༩༥

 • ཁ་མི་བཟེད་པའི་ངག་བརྗོད།  • ཡོངས་འབྲེལ་སབ་ཁྲ

 

འབྲེལ་བ་འཐབ་གནང་།

འདྲ་བཤུས་དབང༌ཆ།©༢༠༢༢ ལས་གཡོག་ལྷན་ཁག། • མདོ་ཆེན་ཡིག་ཚང་། •  ཡོངས་འབྲེལ་འགན་འཛིན་པཿ ཕུརཔ་རྡོེ།  (pdorji@molhr.gov.bt) • བརྒྱུད་འཕྲིན་ཨང་ +༩༧༥༠༢༣༣༣༨༦༧/༩༩༩