Department of Labour-This is to notify and inform the general public that the SHORT-TERM WORK PERMIT (E-Work Permit) is now being initiated by the Ministry of Labour and Human Resources. The employers wishing to import foreign workers even for the duration less than 30 days should now compulsorily apply online through MoLHR-MIS with immediate effect. Besides the normal required documents, the individual/FWRA/employers should submit the medical clearance certificate of the foreigners obtained from the country of origin.This notification is referred to the approval of the night halt work permits only and for other categories and updates, MoLHR will keep notifying in future.

ལཱ་གཡོག་དང་ཚོང་འབྲེལ་ལས་ཁུངས།

འཆར་སྣང་།: 
རྒྱལ་ཁབ་ནང་ སྤུས་ཚད་དང་ཁེ་ཕན་ཅན་གྱི་ལཱ་གཡོག་གི་གོ་སྐབས་བཟོ་ནི།

དམིགས་གཏད།:
ཕན་ནུས་ཅན་གྱི་ལཱ་གཡོག་དང་ཚོང་ལཱ་ཞབས་ཏོག་ཐོག་ལས་ཁེ་ཕན་ཅན་གྱི་ལཱ་གཡོག་ཡར་དྲག་གཏང་ནི།

ལཱ་གཡོག་ཞབས་ཏོག་སྡེ་ཚན།
རྒྱལ་ཡོངས་ལཱ་གཡོག་སྲིད་བྱུས་༢༠༡༣གྱི་ལམ་སྟོན་དང་ཁྲིལ་ ལཱ་གཡོག་ཞབས་ཏོག་སྡེ་ཚན་གྱི་འགན་ཁུར་ གཙོ་བོ་ར་ ལཱ་གཡོག་འཚོལ་མི། ལཱ་གཡོག་སྤྲོད་མི། ལཱ་གི་ངོ་ཚབ་དང་ ལཱ་འབད་མི་ཚུ་ལུ་ ཚུལ་མཐུན་གྱི་ཞབས་ཏོག་ཕུལ་ནི་འདི་ཨིན། སྡེ་ཚན་འདི་ལྷན་ཁག་གི་ འཆར་སྣང་གི་ལམ་བསྟོན་དང་འཁྲིལ་ རྒྱལ་ཁབ་ནང་ལུ་ སྤུས་ཚད་དང་ཁེ་ཕན་ཅན་གྱི་ལཱ་གཡོག་གི་གོ་སྐབས་བཟོ་ནི་འདི་ཨིན། དེ་མ་ཚད་ སྡེ་ཚན་འདི་ལུ་ ལཱ་གཡོག་འཚོལ་མི་ཚུ་གི་དོན་ལུ་ ལཱ་གཡོག་གི་ལམ་བསྟོན་ སྤྲོད་ནི་གི་འགན་ཁུར་ཡང་ཕོགཔ་ཨིན།

སྡེ་ཚན་གྱི་འགན་འཁུར།
༡༽ བཟོ་གྲྭ་ཁང་། ལས་ཚོགས། ངོ་ཚབ། ལས་མི་མི་སྟོབས་ཚུའི་དགོས་མཁོ་ སྒྲུབ་ཐབས་ལུ་ སྒྲུབ་བྱེད་དང་ལྡན་པའི་སྲིད་བྱུས་ལམ་ལུགས་བཟོ་ནི།
༢༽ རིག་རྩལ་དང་ ལཱ་གཡོག་གཉིས་ མཐུན་འགྲིགས་འབད་ཐོག་ ཁེ་ཕན་ཅན་གྱི་ལཱ་གཡོག་འགོ་སྐབས་བཟོ་ནི།
༣༽ རྒྱལ་ཡོངས་ལཱ་གཡོག་སྲིད་བྱུས་ ལག་ལེན་དང་ལྟ་རྟོག་གི་དོན་ལུ་ འགོ་འཁྲིད་འབད་ནི།
༤༽ མི་སྡེའི་དཔལ་བྱོར་གོང་འཕེལ་དང་ མ་འོངས་རིག་རྩལ་ཡར་དྲག་གི་དོན་ལས་ འབྲུག་མི་ཚུ་ ཕྱིའི་རྒྱལ་ཁབ་ནང་ལུ་ ལཱ་གཡོག་སྤྲོད་ནི་གི་ ཕན་ཐབས་འབད་ནི།
༥༽ འབྲེལ་ཡོད་ཡིག་ཚང་དང་ ལཱ་གཡོག་ལུང་ཕྱོགས་ཡིག་ཚང་ཚུ་དང་ཉམས་འབྲེལ་གྱི་ཐོག་ལས་ ལཱ་འཚོལ་མི་ཚུ་ལུ་ ལཱ་གཡོག་གི་ཞབས་ཏོག་སྤྲོད་དེ་ ཉམས་མྱོང་དང་ཡོན་ཏན་ཐོབ་ཚུགསཔ་བཟོ་ནི།
༦༽ ལཱ་གཡོག་འཚོལ་མི་དང་ ལཱ་གཡོག་སྤྲོད་མི་ཚུའི་དོན་ལུ་ ཁེ་ཕན་ཅན་གྱི་ལས་རིམ་ཚུ་བཟོ་ནི།
༧༽ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ལཱ་གཡོག་འགན་ཁུར་ལམ་ལུགས་ཀྱི་ཐོག་ལས་ ལཱ་གཡོག་གསརཔ་བཟོ་ནི།
༨༽ འབྲེལ་མཐུན་ལཱ་གཡོག་ཚོང་ལམ་བརྡ་དོན་ལམ་ལུགས་ཐོག་ལས་ ལཱ་གཡོག་དང་ལས་མི་ཚོང་ལམ་གྱི་དོན་ལུ་ གནས་སྡུད་དབྱེ་དཔྱད་དང་ བསྡུ་གསོག་ཕན་ནུས་ཅན་སྦེ་འབད་ནི།
༩༽ ལཱ་གཡོག་གི་སྐོར་ལས་ སྐུལ་ཁྱབ་བརྡ་སྤྲོད་ འགོ་འདྲེན་འཐབ་ནི།
༡༠༽ སྒྲུབ་བྱེད་ལྡན་པའི་ བར་ཞུགས་ཀྱི་ལས་རིམ་ཚུ་བརྩམ་ནིའི་དོན་ལུ་ ལཱ་གཡོག་ཚོང་ལམ་དང་འབྲེལ་བའི་ དཀའ་ངལ་ཚུ་གི་ཐོག་ལུ་ ཞིབ་འཚོལ་གྱི་ལཱ་ཚུ་ འབད་ནི།
༡༡༽ ལཱ་གཡོག་དང་འབྲེལ་བའི་ལས་རིམ་དང་བར་ཞུགས་ཚུ་ ལྟ་རྟོག་དང་དབྱེ་ཞིབ་ འབད་ནི།
༡༢༽ གཡོག་གི་མདུན་ལམ་བར་ཞུགས། སྐུལ་ཁྱབ་བརྡ་སྤྲོད། གོ་རྟོགས་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི།
༡༣༽ རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་ཁབ་ཀྱི་ ཞིབ་འཚོལ་གྱི་མཁོ་ཆས་དྲག་ཤོས་ཚུ་ལུ་ གཞི་བཞག་ཐོག་ལས་ གཡོག་གི་མདུན་ལམ་གྱི་དོན་ལུ་ ལམ་སྟོན་ཡར་དྲག་བཟོ་ནི།
༡༤༽ སློབ་གྲྭའི་བསླབ་སྟོན་པ་ ཡང་ན་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་སྟོན་གྱི་ཐོག་ལས་ ཚེ་གཡོག་སྒྲིག་བཀོད་དང་ འཆར་གཞི་བརྩམ་ནིའི་མཁོ་ཆས་ ཆ་ཚངམ་སྦེ་བཟོ་ནི་དང་གཞི་བཙུགས་འབད་ནི།
༡༥༽ ལཱ་གཡོག་དང་འབྲེལ་བའི་ལམ་སྟོན་དང་གྲོས་སྟོན་ གཡོག་གནས་དང་གོ་སྐབས་ཚུ་ སྐུལ་ཁྱབ་བརྡ་སྤྲོད་འབད་ནིའི་དོན་ལུ་ ཐབས་ལམ་མ་འདྲཝ་ཚུ་སྟོན་ནི་དང་ ལྕོགས་གྲུབ་ཡར་རྒྱས་གཏང་ནི།
༡༦༽ དམིགས་བསལ་ལྕོགས་གྲུབ་བཟོ་ཐབས་ལུ་ ཚེ་གཡོག་འཆར་གཞི་དང་ ཁྱད་རིགས་རིག་རྩལ་གྱི་དོན་ལུ་ འཆར་གཞི་དང་ལས་སྣ་བརྩམ་ནི།
༡༧༽ ན་གཞོན་དང་རྩེད་རིགས་ལས་ཁུངས་ཀྱི་བསླབ་སྟོན་སྡེ་ཚན་དང་ སློབ་གྲྭའི་བསླབ་སྟོན་པ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཐོག་ལས་ ཚེ་གཡོག་ལམ་སྟོན་དང་ དུས་མཐུན་ལཱ་གཡོག་ཚོང་ལམ་གྱི་བརྡ་དོན་ཚུ་ ལྷན་ཁག་དང་འབྲེལ་ཡོད་ལས་སྡེ་ཚུ་གིས་ གནས་ཤོག་དང་སྙན་ཞུའི་ཐོག་ལས་ ཁྱབ་སྤེལ་འབད་ནི།

སྡེ་ཚན་གྱི་འགན་འཁུར།

  • རིག་རྩལ། རིག་གསར་དང་ ཚང་འབྲེལ་གྱི་སྲོལ་ཚུ་ ལྕོགས་གྲུབ་ཡར་དྲག། ལས་རིམ་སྣ་ཚོགས་དང་རྟེན་གཞི་གི་ཐོག་ལས་ ཡར་རྒྱས་དང་རྒྱབ་སྐྱོར་འབད་ནི།
  • ཚོང་འབྲེར་གོ་སྐབས་ཀྱི་མཛོད་ཐོ་ཚུ་ འགོ་འདྲེན་འཐབ་ནི།
  • སྦྱོང་བརྡར་སྤེལ་ཁང་། སློབ་གྲྭ། མཐོ་རིམ་སློབ་གྲྭ། གཞུང་མེན་ལས་སྡེ་དང་ སྒེར་གྱི་བཙུགས་སྡེ་ཚུ་ནང་ལུ་ ཚོང་འབྲེལ་གྱི་ལཱ་གྱི་སྐོར་ལས་ཤེས་ཡོན་བྱིན་ནི་ཚུ་ཡར་དྲག་བཏང་ནི།
  • རྒྱལ་ཡོངས་ཚོང་འབྲེལ་ཐབས་བྱུས་ གསར་བཟོ་འབད་ནི་དང་ལག་ལེན་འཐབ་ནི།
  • ཚོང་འབྲེལ་ལས་རིམ་ཚུ་གི་ སྤུས་ཚད་དང་ཁྱད་རིག་གོང་འཕེལ་ཡར་དྲག་བཏང་ནི།
  • ཚོང་དཔོན་ཚུ་གི་ གནདའགག་ཆེ་བའི་རིག་རྩལ་གོང་འཕེལ་བཏང་ནི་ལུ་ལྷན་ཐབས་འབད་ནི།
  • ཚོང་དཔོན་ཚུ་གི་དོན་ལུ་ ཚོང་ལཱ་གོ་བཙུགས་དང་མགྱོགས་ཚད་ལས་རིམ་ཚུ་ བཟོ་ནི།
  • ཚོང་འབྲེལ་གྱི་དོན་ལུ་ ཞིབ་འཚོལ་འགོ་འདྲེན་འཐབ་ནི།
  • ཚོང་དཔོན་ཚུའི་དོན་ལུ་ ཚོང་ཐོན། ཕེབ་ལེབ་རྒྱབ་སྐྱོར་དང་ རྟེན་གཞི་ཚུ་བཟོ་བྱིན་ནི།
  • ཚོང་དཔོན་ཚུ་ལུ་ བསླབ་སྟོན་དང་ གྲོས་སྟོན་ཞབས་ཏོག་ཚུ་བཟོ་བྱིན་ནི།
  • བསམ་ཚུལ་སྤྲོ་བ་བསྐྱེད་བཅུག་ནི་དོན་ལུ་ གསར་བཙུགས་ལས་རིམ་ཚུ་འགོ་འདྲེན་འཐབ་ནི།
  • ཚོང་ལཱ་འགོ་བརྡ་ལས་རིམ་ཚུ་ ཡར་རྒྱས་གཏང་ནི།
  • རྒྱལ་ཡོངས། ལུང་ཕྱོགས། རྒྱལ་སྤྱིའི་ གནས་ཚད་ནང་ ཚོང་ལཱ་ཡར་དྲག་གི་དོན་ལུ་འབྲེལ་ཡོད་ལས་སྡེ་ཚུ་དང་ཉམས་འབྲེལ་འབད་ནི།
  • འབྲེལ་ཡོད་ལས་སྡེ་ཚུ་དང་ཉམས་འབྲེལ་ཐོག་ལས་ ཚོང་དཔོན་ཚུ་ལུ་རྒྱབ་སྐྱོར་འབད་ནི།

འགན་དབང་དང་དམིགས་ཡུལ།:

  • ལཱ་གཡོག་རྒྱབ་སྐྱོར་ཐོག་ལས་ཁེ་ཕན་ཅན་གྱི་ལཱ་གཡོག་གི་གོ་སྐབས་བཟོ་ནི།
  • འབྲེལ་མཐུན་དང་འགོ་འཁྲིད་འབད་དེ་ཐབས་རིག་ཐོག་ལས་གཡོག་གི་གོ་སྐབས་བཟོ་ནི།
  • གསར་གཏོད། ཚོང་ལཱ། རང་གཡོག་གསུམ་མཐའ་སྐྱོང་དང་གོང་འཕེལ་གཏང་ནི།
  • གཡོག་འཚོལ་གྱི་ཐོ་བཀོད་བསྒྲུབས་མི་དང་དབང་སྐྱོན་གྱི་མི་ངོམ་ཚུ་ལུ་གཡོག་ནང་བཙུགས་བྱིན་ནི་དང་གཡོག་ཐོབ་ཚུགས་པའི་རིག་རྩལ་ཡར་འཕར་གཏང་བྱིན་ནི།
  • ལཱ་གཡོག་གི་སྐོར་ལས་སྐུལ་ཁྱབ་བརྡ་སྤྲོད་དང་གོ་རྟོགས་སྤེལ་ནི།
  • གཡོག་འཚོལ་མི་ཚུ་ལུ་གཡོག་གི་ལམ་སྟོན་བྱིན་ནི།
  • སློབ་གྲྭ་ནང་ལས་ལཱ་གཡོག་ལུ་སོར་སྒྱུར་གྱི་ལས་རིམ་ཚུ་ཡར་འཕར་གཏང་ནི།
  • འཛིན་སྐྱོང་བརྡ་དོན་ལམ་ལུགས་ཀྱི་ཐོག་ལས་ལཱ་གཡོག་དང་འབྲེལ་བའི་བརྡ་དོན་ཚུ་བསྡུ་ལེན་འབད་ནི་དང་དཔྱད་ཞིབ་ཡར་འཕར་གཏང་ནི།
  • ལས་མི་ཚོང་ལམ་གྱི་གནད་དོན་ཐོག་ལུ་ཞིབ་འཚོལ་གྱི་འགན་དབང་ལེན་ནི།
  • ཁེ་རྒུད་ཐོབ་ཡོད་མི་ལས་སྡེ་ཚུ་དང་གཅིག་ཁར་ཉམས་འབྲེལ་ཐོག་ལས་ཡུན་རྟན་གྱི་ལཱ་གཡོག་གི་དོན་ལུ་འོས་མཐུན་གྱི་གནས་སྟངས་བཟོ་ནི།
  • ལཱ་གཡོགཔ་ཚུ་གི་ཁྱད་རིག་དང་འཇོན་ཐངས་ཡར་དྲག་གཏང་ནི།

ཕྱིའི་རྒྱལ་ལཱ་གཡོག་གི་སྒྲིགས་གཞི།

ཕྱིའི་རྒྱལ་ལཱ་གཡོག་གི་དོན་ལུ་ ངོས་འཛིན་འབད་ཡོད་པའི་རྒྱལ་ཁབ་ཚུ།

  • Thailand
  • UAE
  • Belgium
  • Qatar
  • Malaysia
  • Canada

ཕྱིའི་རྒྱལ་ལཱ་གཡོག་ ངོ་ཚབ་ཀྱི་ཁ་གྱང་ཁ་གསལ།

Office No: 02-330788 / 02-330787
Email ID: overseas@molhr.gov.bt

ན་གཞོན་གྲལ་གཏོགས་འཚོ་རྟེན་ལས་རིམ་ ངོ་ཚབ་ཀྱི་ཁ་གྱང་ཁ་གསལ།

Office No: 02-339529 / 02-339530
Email ID: dzangmo@molhr.gov.bt

ལྷན་ཁག་གི་ས་གནས།

ལས་ལྷན་གྱི་ལས་བྱེདཔ་ཚུ་གི་དོན་ལུ།

འབྲེལ་བ་འཐབ་ས།

ལས་གཡོག་ལྷན་ཁག།
འགྲེམས་སྒྲོམ་ཨང་ ༡༠༣༦ མཐོང་གསལ་ལམ།
མུ་ཏིག་ཐང་ འོག།
ཐིམ་ཕུ། འབྲུག།
སྤྱིར་བཏང་འབྲེལ་བ་འཐབ་སཿ༠༢༣༣༣༨༦༧
ཕྱི་རྒྱལ་ལཱ་གཡོག་ལས་ཚནཿ༠༢-༣༣༠༧༨༧/༣༣༠༧༨༨
ལཱ་གཡོག་ཞབས་ཏོག་ལྟེ་བཿ ༠༢-༣༣༤༤༩༥

 • ཁ་མི་བཟེད་པའི་ངག་བརྗོད།  • ཡོངས་འབྲེལ་སབ་ཁྲ

 

འབྲེལ་བ་འཐབ་གནང་།

འདྲ་བཤུས་དབང༌ཆ།©༢༠༢༢ ལས་གཡོག་ལྷན་ཁག། • མདོ་ཆེན་ཡིག་ཚང་། •  ཡོངས་འབྲེལ་འགན་འཛིན་པཿ ཕུརཔ་རྡོེ།  (pdorji@molhr.gov.bt) • བརྒྱུད་འཕྲིན་ཨང་ +༩༧༥༠༢༣༣༣༨༦༧/༩༩༩