Department of Labour-This is to notify and inform the general public that the SHORT-TERM WORK PERMIT (E-Work Permit) is now being initiated by the Ministry of Labour and Human Resources. The employers wishing to import foreign workers even for the duration less than 30 days should now compulsorily apply online through MoLHR-MIS with immediate effect. Besides the normal required documents, the individual/FWRA/employers should submit the medical clearance certificate of the foreigners obtained from the country of origin.This notification is referred to the approval of the night halt work permits only and for other categories and updates, MoLHR will keep notifying in future.

ཁྱབ་བསྒྲགས་དང་གསལ་བསྒྲགས་གསརཔ།

Youth Forum

ཁྱབ་བསྒྲགས་ག་ར་ལྷག

གསལ་བསྒྲགས་ག་ར་ལྷག

ལྷན་ཁག་ཀྱི་སྐོར།

དམིགས་གཏད་དང་འཆར་སྣང་།

འཆར་སྣང་།:

མི་སྡེ་དང་ལཱ་གི་ས་ཁོངས་ནང་ལུ་ མཐུན་ལམ་དང་ འབྲས་བུ་ཅན་གྱི་འབྲེལ་བའི་ཁྱད་ཆོས་ཀྱིས་བརྒྱན་པའི་ ཁེ་ཕན་ཅན་དང་ སྤུས་ཚད་ཅན་གྱི་ལཱ་གཡོག་གི་གོ་སྐབས་ མི་སེར་ཆ་མཉམ་ལུ་ཡོད་པའི་རྒྱལ་ཁབ།

དམིགས་གཏད།:

འབྲུག་གི་མི་སྟོབས་གོང་འཕེལ་གཏང་ནི་ལུ་ ཕན་གྲོགས་འབད་ཐོག་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ འབྲུག་མི་ལས་གཡོགཔ་ཚུ་ལུ་ ཁེ་ཕན་ཅན་གྱི་ལཱ་གཡོག་ངེས་བརྟན་བཟོ་ནི།

# ལྷན་ཁག་གི་འགན་དབང་།

ལྷན་ཁག་གིས་ངེས་བརྟན་བཟོ་དགོ་པའི་འགན་དབང་དེ་ཡང་

  • ཕན་ནུས་ཅན་གྱི་ལཱ་གཡོག་ཞབས་ཏོག་རིམ་ལུགས་ཐོག་ལས་དང་ལཱ་གཡོག་བཟོ་ནིའི་ཕན་གྲོགས་འབད་ཐོག་ལས་ལཱ་གཡོག་ཡར་འཕེལ་གཏང་ནི།
  • ལཱ་གཡོག་གི་ནང་ལུ་གྲལ་གཏོགས་ཡོད་མི་མི་ག་ར་ལུ་ལཱ་འབད་སའི་གནས་སྟངས་དང་འཚོ་བའི་གནས་ཚད་ཡར་དྲགས་གཏང་ནི།
  • ལཱ་གཡོག་མེད་མི་དང་ཞི་གཡོག་མིན་པའི་ལས་སྡེ་ནང་ལས་དགོངསམ་ཞུ་ཡོད་མི་ཚུ་ལུ་མི་སྡེའི་ཕན་བདེ་ངེས་བརྟན་བཟོ་ནི།
  • རྒྱལ་ཁབ་ཀྱི་ཡུན་བརྟན་མི་སྡེ་དང་དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ གྱང་ཁ་དང་སྤུས་ཚད་གཉིས་ཆ་རའི་ཐད་ཁར་ལས་མི་སྟོབས་ལངམ་སྦེ་ཡོད་བཟོ་ནི།

# རྒྱབ་ཁུངས།

སྤྱི་ལོ་༢༠༠༣ སྤྱི་ཟླ་༦པའི་ སྤྱི་ཚེས་༡༣ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་བཀའ་རྒྱ་ཨང་ LZ 02/03/933 དང་འཁྲིལ་ ཧེ་མའི་ རྒྱལ་ཡོངས་འཕྲུལ་རིག་སྦྱོང་བརྡར་དབང་འཛིན་དང་ ལཱ་གཡོག་དང་ལས་མི་ལས་ཁུངས་གཉིས་ གཅིག་ཁར་བསྡབ་ཞིནམ་ལས་ ལས་གཡོག་ལྷན་ཁག་འདི་ གཞི་བཙུགས་འབད་ཡོདཔ་ཨིན། རྒྱལ་ཡོངས་འཕྲུལ་རིག་སྦྱོང་བརྡར་དབང་འཛིན་དེ་ཡང་ རྒྱལ་ཁམས་ནང་ལུ་ རིག་རྩལ་དང་ཐོན་ཁུངས་ཅན་གྱི་ལས་གཡོགཔ་བཟོ་ནིའི་དོན་ལུ་ ལག་རྩལ་ཤེས་ཡོན་དང་སྦྱོང་བརྡར་ལམ་ལུགས་ཅིག་ བཟོ་དགོ་པའི་འགན་དབང་གི་ཐོག་ལུ་ སྤྱི་ལོ་༡༩༩༩ སྤྱི་ཟླ་༥པའི་ནང་ལུ་ གཞི་བཙུགས་འབད་ནུག། དམིགས་དོན་དེ་སྒྲུབ་ཐབས་ཀྱི་དོན་ལས་ རྒྱལ་ཡོངས་འཕྲུལ་རིག་སྦྱོང་བརྡར་དབང་འཛིན་དེ་གིས་ ལག་རྩལ་ཤེས་ཡོན་དང་སྦྱོང་བརྡར་ཚུ་ འཆར་གཞི་བརྩམ་ནི་དང་འགོ་འདྲེན་འཐབ་ནི། ཁྲིམས་མཐུན་བཟོ་ནི་དང་རྒྱབ་སྐྱོར་འབད་ཐོག་ དགོས་མཁོ་དང་བསྟུན་ གཞི་བཙུགས་འབད་དགོ་པའི་འགན་དབང་སྡོད་ནུག། དབང་འཛིན་དེ་མེད་པའི་ཧེ་མ་ ལག་རྩལ་ཤེས་ཡོན་དང་སྦྱོང་བརྡར་དང་འབྲེལ་བའི་ ལས་སྣ་ག་ར་ གསོ་བ་དང་ཤེས་རིག་ལྷན་ཁག་འོག་གི་ ལག་རྩལ་ཤེས་ཡོན་དང་སྦྱོང་བརྡར་ལས་ཚན་གྱིས་ བདག་སྐྱོང་འཐབ་སྟེ་སྡོད་ནུག།

སྤྱི་ལོ་༡༩༩༠རྫོགས་ཁམས་ཅིག་ཁར་ ན་གཞོན་ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་འཐོན་ནི་འགོ་བཙུགས་མི་དེ་ལས་བརྟེན་ སྤྱི་ལོ་༢༠༠༠ལུ་ རྒྱལ་ཡོངས་ལཱ་གཡོག་བཀོད་ཚོགས་ གཞི་བཙུགས་འབད་ནུག། བཀོད་ཚོགས་དེ་ཡང་ སྤྱི་ལོ་༢༠༠༡གི་ སྤྱི་ཟླ་༨པའི་ནང་ ཧེ་མའི་གསོ་བ་དང་ཤེས་རིག་ལྷན་ཁག་འོག་གི་ ལཱ་གཡོག་དང་ལས་མི་ལས་ཁུངས་ལུ་གྱུར་ནུག། ལས་ཁུངས་དེ་ ལཱ་གཡོག་ཡར་འཕེལ་དང་ ལཱ་གཡོག་ཚོང་ལམ་གྱི་བརྡ་དོན། སྒེར་སྡེ་དང་ལས་འཛིན་ཚུ་གི་ མི་སྟོབས་གོང་འཕེལ་གཏང་ནི། ལས་མི་སྲུང་སྐྱོབ་དང་མཐུན་འབྲེལ་ཚུ་དང་འབྲེལ་བའི་ འགན་འཁུར་གཙོ་བོ་ཚུ་གི་ འགན་འཁྲི་ཕོག་སྟེ་སྡོད་ནུག།

ལས་གཡོག་ལྷན་ཁག་གིས་ ཐོན་ཁུངས་ཅན་དང་མཐུན་འབྲེལ་ཆེ་བའི་ མི་སྡེ་དང་ལཱ་གི་ས་ཁོངས་ནང་ལུ་ ཁེ་ཕན་ཅན་དང་སྤུས་ཚད་ཅན་གྱི་ ལཱ་གཡོག་གི་གོ་སྐབས་ མི་སེརཆ་མཉམ་ལུ་ཡོད་པའི་རྒྱལ་ཁབ་ཅིག་ བཟོ་ནིའི་དོན་ལུ་ ཕྱག་ཕྱིད་གང་དྲགས་ཞུཝ་ཨིན། ལཱ་གཡོག་གི་གནས་སྟངས་ནང་ལུ་གྲལ་གཏོགས་ཡོད་པའི་ མི་ཆ་མཉམ་གྱི་ ལཱ་དང་འཚོ་བའི་གནས་ཚད་ ཡར་དྲག་བཏང་ཐབས་ལུ་དམིགས་ཏེ་ ལཱ་གཡོག་དང་མི་སྟོབས་གོང་འཕེལ། ལས་མི་དང་འབྲེལ་བའི་སྲིད་བྱུས་ཚུ་ བརྩམ་ཐོག་ལས་དང་ གཞི་བཙུགས་འབད་ཐོག་ལས་ ལྷན་ཁག་གིས་འཆར་སྣང་འདི་སྒྲུབ་ཨིན།

གོང་བཀོད་འགན་འཁུར་ཚུ་ སྲིད་བྱུས་དང་འཆར་གཞི་སྡེ་ཚན། མི་སྟོབས་སྡེ་ཚན། དངུལ་རྩིས་སྡེ་ཚན། དེ་ལས་ བརྡ་དོན་དང་བརྒྱུད་འབྲེལ་སྡེ་ཚན་གྱི་མ་དོ་བར་ ལས་ཁུངས་ལྔ་གི་ཐོག་ལས་ ཞབས་ཏོག་སྤྲོདཔ་ཨིན། ལས་ཁུངས་ལྔཔོ་འདི་ཡང་ ལཱ་གཡོག་ལས་ཁུངས། ལཱ་གཡོག་དང་ཚོང་འབྲེལ་ལས་ཁུངས། འཕྲུལ་རིག་ཤེས་ཡོན་ལས་ཁུངས། ལཱ་གཡོག་གནས་ཚད་ལས་ཁུངས། དང་སྦེ་ རྒྱལ་ཡོངས་མི་སྟོབས་གོང་འཕེལ་ལས་ཁུངས་བཅས་ཨིན།

ལས་ཁུངས་ཁག་གི་ ལས་སྣ་ཚུ་ ཐབས་བྱུས་དང་ལྡན་པའི་སྒོ་ལས་ ལས་རིམ་བཞི་གི་ནང་ལུ་ བསྡུ་ཡོད་མི་འདི་ཡང་ ལཱ་གཡོག་འཚོལ་མི་ཚུ་ལུ་ གཡོག་གི་གོ་སྐབས་འཐོབ་ཚུགས་ནིའི་ ཕན་གྲོགས་འབད་ཐབས་ལུ་དམིགས་ཏེ་ཨིན།

ལས་ཁུངས་ལྔ་གི་གུ་ལུ་ ལུང་ཕྱོགས་ཀྱི་ས་གནས་ བསམ་གྲུབ་ལྗོངས་མཁར། ཕུན་ཚོགས་གླིང་། དགེ་ལེགས་ཕུག་དང་ བཀྲ་ཤིས་སྒང་བཅས་ནང་ལུ་ཡོད་པའི་ ལུང་ཕྱོགས་ཀྱི་ཡིག་ཚང་བཞི་གི་ནང་ལས་ ལྷན་ཁག་འདིའི་ལས་སྣ་མ་འདྲཝ་ཚུ་ རྒྱལ་ཁབ་མཐའ་དབུས་མེད་པར་སྤྲོདཔ་ཨིན།

ལྷན་ཁག་གི་སྒྲིག་བཀོད།

ལྷན་ཁག་གི་ས་གནས།

ལས་ལྷན་གྱི་ལས་བྱེདཔ་ཚུ་གི་དོན་ལུ།

འབྲེལ་བ་འཐབ་ས།

ལས་གཡོག་ལྷན་ཁག།
འགྲེམས་སྒྲོམ་ཨང་ ༡༠༣༦ མཐོང་གསལ་ལམ།
མུ་ཏིག་ཐང་ འོག།
ཐིམ་ཕུ། འབྲུག།
སྤྱིར་བཏང་འབྲེལ་བ་འཐབ་སཿ༠༢༣༣༣༨༦༧
ཕྱི་རྒྱལ་ལཱ་གཡོག་ལས་ཚནཿ༠༢-༣༣༠༧༨༧/༣༣༠༧༨༨
ལཱ་གཡོག་ཞབས་ཏོག་ལྟེ་བཿ ༠༢-༣༣༤༤༩༥

 • ཁ་མི་བཟེད་པའི་ངག་བརྗོད།  • ཡོངས་འབྲེལ་སབ་ཁྲ

 

འབྲེལ་བ་འཐབ་གནང་།

འདྲ་བཤུས་དབང༌ཆ།©༢༠༢༢ ལས་གཡོག་ལྷན་ཁག། • མདོ་ཆེན་ཡིག་ཚང་། •  ཡོངས་འབྲེལ་འགན་འཛིན་པཿ ཕུརཔ་རྡོེ།  (pdorji@molhr.gov.bt) • བརྒྱུད་འཕྲིན་ཨང་ +༩༧༥༠༢༣༣༣༨༦༧/༩༩༩